最近搜索
Honey 好久不见 - 萨克 《Honey 好久不见》 HQ SQ
更新时间:2025-04-04 03:54:37
文件格式:flac
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
Honey 好久不见 - 萨克 相似推荐
歌词

Honey 好久不见 - 萨克

词:诺尔章

曲:赞丹罗马

诺尔章影视传媒有限公司出品

མི་ཚོས་བཤད་ན་ལན་ཆགས་རྫོགས་མཐའ་མེད་ཟེར།

འུ་གཉིས་ཀྱི་ལྷན་འཛོམས་ཡང་ངོ་མ་རླུང་གིས་གཏོར་སོང་།

ལོ་ངོ་གཅིག་གི་རིང་ལ།

གྱེས་པའི་སྡུག་བསྔལ་ཁྲོད་དུ།

གཅིག་པུར་སྡོད་དགོས་བྱུང་དུས།

ཁྱོད་ཚ་གི་གྲང་གི་མེད་ལ།

ཁྱོའི་འཇིག་རྟེན་ང་ལ་ཆ་མེད།

དུས་དང་རྣམ་པ་ཀུན་ཏུ།

ཁྱོའི་གདོང་བ་ཡིད་ལ་ཤར།

ངས་ཁ་རོག་མིག་ཆུ་གཏོར།

མ་ཐུག་ཡུན་རིང་འགོར་སོང་།

གྲོགས་པོ་ཚོས་བཤད་ན་གྱེས་བྲལ་ནི་ལས་དབང་ཡིན་ཟེར།

འུ་གཉིས་ཀྱི་ལས་དབང་ལ་གས་ག་ཤོར་བ་སུས་ཀྱང་ཤེས།

གྲོང་ཁྱེར་གཅིག་གི་ནང་དུ།

སེམས་དང་སེམས་པ་བརླན་ནས།

སོ་སོར་སྡོད་དགོས་བྱུང་དུས།

ཁྱོད་ན་ཚ་བྱུང་གི་མེད་ལ།

ངས་ཞེ་སེམས་བདེ་ཐབས་མེད་ཀི

བརྩེ་བ་མཚོ་ལས་ཟབ་པའི།

ཡ་ཆུང་ཁོག་གི་ཞེ་མཐུན་མ།

སྐྱིད་སྡུག་མཉམ་པའི་ལས་མཐུན་མ།

མ་ཐུག་ཡུན་རིང་འགོར་སོང་།

དྲང་མོར་བཤད་ན་འཇིག་རྟེན་ནི་ཆུང་ཆུང་ཞིག་རེད་དེ།

འུ་གཉིས་ཀ་ལྷོད་ཀྱིས་འདུག་སའི་གྲུ་ག་ཞིག་ཀྱང་མི་འདུག

མ་བསམ་ས་ནས་གྱེས་པ།

ལས་ཀྱི་བཀོད་པ་ཡིན་ཡང་།

ཁྱེད་རང་བདེ་ནས་བསྡད་ན།

སྐབས་ཀྱི་འདོད་པ་དེ་ཡིན།

ཡིད་ཆེས་གཙང་མ་གནོངས་དང་།

འཛོམས་པའི་དུས་ཤིག་ལོས་ཡོད།

ངས་ནམ་ཡང་ཁྱེད་ལ་སྒུག

མ་ཐུག་ཡུན་རིང་འགོར་སོང་།