最近搜索
音符的海洋 - 根呷 《走向远方》
更新时间:2025-03-04 12:08:36
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
音符的海洋 - 根呷 相似推荐
歌词

དབྱངས་མཚོ་མོ།

ཚིག གེ་རྒྱལ་པད་མ།

དབྱངས། གེ་རྒྱལ་པད་མ།

གཞས་པ། ཀུན་དགའ།

གནས་འདི་ཡི་གངས་དཀར་ལྷ་མོའི་སྦྲ་ཁྱིམ་ནས།

བྱ་ཁུ་ལོའི་གཤོག་རྩལ་སྡེབ་པའི་གླུ་གཞས་ཤིག

སྨན་བུ་མོའི་དུངས་སེམས་མཚོན་པའི་གསུང་སྐད་ཅན།

ཆུ་དལ་འགྲོ་གཙང་བོ་ལས་ཀྱང་རིང་བ་ཡི།

ངག་དབྱངས་ཅན་ལྷ་མོ་དེ་ཡི་ཡིད་དབང་འཕྲོག

ཨོ། དབྱངས་ཀྱི་མཚོ་མོ།

ཨོ། དགའ་བའི་གཞས་དབྱངས།

ངའི་སྒྲ་དབྱངས་ལྷ་མོའི་འགྱུར་ཁུག་རེ་རེའི་ནང་ནས།

ཁྱེད་ཀྱི་དབྱངས་རྟ་གསོན་པོ་ནམ་ཡང་འཚོལ་བཞིན་ཡོད།

ཡིད་དགའ་བ་འཕྲོག་པའི་གླུ་གཞས་སྙན་མོ་ནི།

གཡང་འབྲི་མོ་བཞོ་བའི་བུ་མོའི་རྒྱན་ཆ་ཡིན།

ལྷ་ཚངས་དབྱངས་ལྷ་མོའི་ཡིད་དབང་འཕྲོག

ཨོ། དབྱངས་ཀྱི་མཚོ་མོ།

ཨོ། དགའ་བའི་གཞས་དབྱངས།

ངའི་སྒྲ་དབྱངས་ལྷ་མོའི་འགྱུར་ཁུག་རེ་རེའི་ནང་ནས།

ཁྱེད་ཀྱི་དབྱངས་རྟ་གསོན་པོ་ནམ་ཡང་འཚོལ་བཞིན་ཡོད།