轮回规律 - 谢旦/拉措
词:拉泽可索
曲:左钦旦增
音乐宣传:谢旦贴吧工作室
རྫ་སྨུག་པོ་འབྲོང་གི་ཕ་ས་རེད།།
ནངས་སྔ་མོར་རྩྭ་ཆུ་མཉམ་རོལ་རེད།།
དགུང་ཕྱི་དྲོར་གཅིག་ལུས་གཉིས་འགྲོ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
མཚོ་སྔོན་མོ་ངང་པའི་འཁོར་ས་རེད།།
ནངས་སྔ་མོར་མཉམ་རྩེ་མཉམ་ལྡིང་རེད།།
དགུང་ཕྱི་དྲོར་ལྷོ་འཕུར་བྱང་འཕུར་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
བྱང་ཨ་ཆེན་རྐྱང་དཀར་འཁྲབ་ས་རེད།།
ནངས་སྔ་མོར་མཉམ་རྩེ་མཉམ་རྒྱུག་རེད།།
དགུང་ཕྱི་དྲོར་ལ་འཐོར་ལུང་འཐོར་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གྲོང་ཁྲ་མོར་ན་ཟླ་འདུ་ས་རེད།།
ལོ་གཞོན་དུས་མཉམ་རྩེ་མཉམ་འུར་རེད།།
དུས་དེ་སང་ག་ཡོད་ཆ་མེད་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
སྡེ་གཡང་ཁྱིམ་ཕ་འཛོམ་མ་འཛོམ་རེད།།
ཚེ་སྔ་སྟོད་བཀྲ་ཤིས་གཡང་ཆགས་རེད།།
ལོ་རྒས་དུས་ནམ་འཆི་ཆ་མེད་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།
གཞི་འཁོར་བ་ཟེར་ན་འདི་འདྲ་རེད།།