最近搜索
青藏的守佑 - 卓玛加 《韵海涌浪》
更新时间:2025-05-18 08:25:13
文件格式:mp3
音乐下载
被下架或封杀等部分试听资源与网盘资源可能不一致,请以网盘资源为准
标签
青藏的守佑 - 卓玛加 相似推荐
歌词

作词 : 岗华

作曲 : 三智才让

编曲 : 禅修音乐日波益西

ཉི་ཟླའི་གའུ་ཁུར་བའི་གངས་རི་དང་།

རི་ལ་དཔའ་མཁར་བརྩིགས་པའི་ཡུལ་དེ་ན།

ཆུ་མོ་གཡུང་དྲུང་གིས་འཁྱིལ་བའི།

ཡིད་ཀྱི་ཟབ་ས་ན་འཚེར་བའི་གཡུ་སྔོན་གྱི་མནྜལ།

གངས་དཀར་སེམས་ན་འཛུམ་པའི་གཡང་ས་ཞལ་དཀར།

མེ་ཏོག་དང་འཇའ་ཡི་གུར་ཁྱིམ་བསླེས་པའི་ཡབ་ཀྱི་རྩྭ་ཐང་།

དབྱར་གསུམ་དུ་བ་སྨུག་ལ་འདྲེས་ཡོད་པའི་ཕ་ཡུལ།

དགུན་གསུམ་ཆོན་ཐག་བསྣོལ་སྡེབ་བྱས་ཡོད་པའི་ཕ་ཡུལ།

གཡང་དཀར་ལུག་ཁྱུ་སྤྲིན་ལ་འདྲེས་ཡོད་པའི་ཕ་ཡུལ།

ནག་མོ་ནོར་ཁྱུ་འབྲོང་ལ་འདྲེས་ཡོད་པའི་ཕ་ཡུལ།

ཕ་ཡུལ་ནི་མི་རབས་ནས་མི་རབས་སུ་ང་རྒྱལ་གྱི་གཡུ་རལ་ཡིན།

གོ་ལའི་སྲུང་མར་བཞུགས་པའི་ཆུ་ཡི་མཆོད་རྟེན།

རི་རབ་དང་གཙང་བོར་རྣམ་ཤེས་བསྐྲུན་པའི་ང་ཡི་མེས་པོ།

སྲིད་པའི་གངས་རྒན་སྐྱབས་སུ་བཀུར་ཡོད་པའི་མེས་པོ།

སྲིད་པའི་སྦྲ་རྒན་དཔུང་བས་བཀྱགས་ཡོད་པའི་མེས་པོ།

ཁངས་དང་ཆར་དང་སྤྲིན་ལ་དགའ་བའི་བོད་པ།

རི་དང་ཆུ་དང་ནགས་ལ་དགའ་བའི་བོད་པ།

ང་ཚོ་ནི་ཚེ་རབས་ནས་ཚེ་རབས་སུ་ས་སྒང་གི་སྲུང་མདུད་ཡིན།

སྲིད་པའི་གངས་རྒན་སྐྱབས་སུ་བཀུར་ཡོད་པའི་མེས་པོ།

སྲིད་པའི་སྦྲ་རྒན་དཔུང་བས་བཀྱགས་ཡོད་པའི་མེས་པོ།

ཁངས་དང་ཆར་དང་སྤྲིན་ལ་དགའ་བའི་བོད་པ།

རི་དང་ཆུ་དང་ནགས་ལ་དགའ་བའི་བོད་པ།

ང་ཚོ་ནི་ཚེ་རབས་ནས་ཚེ་རབས་སུ་ས་སྒང་གི་སྲུང་མདུད་ཡིན།

翻译 : 贝尔斯

录音 : 三智文化传媒-萍子

混音 : 三智文化传媒-萍子

音乐总监 : 三智才让