བྱང་སྐར་སྤུན་བདུན་ཡི་གསང་བ།
ཚིག རྟ་མགྲིན་ནོར་བུ།
གདངས། རྟ་མགྲིན་ནོར་བུ།
Guitar :པ་དོན་འུར་ལགས་
ཨ་སྔོན་དགུང་ནས་འོད་ཟེར་འདི་གདོང་ལ་འཕྲོད་
དུས་དྲོ་གསོབ་གསོབ།
སེམས་མ་སྐྱིད་བཟོ་མཁན་གྱི་མི་དང་གནས་ཚུལ་ཆ་ཚང་ཕར་
ལ་ཡལ་སོང་།
ཧི་མ་ལ་ཡ་བརྒལ་ནས་ཡོང་བའི་བསིལ་རླུང་གདོང་ལ་ལྡང
དུས་གྲང་བསིལ་བསིལ།
རྒྱུན་ནས་གོན་དྲག་པའི་གདོང་ལྤགས་དེ་ཡང་ག་ལེར་
ལ་མར་དཀྲོལ།
བྱང་སྐར་སྤུན་བདུན། ང་གང་དུ་འགྲོ་མཁན་ཡིན་ཞེས་
མ་དྲིས་རོགས།
ང་རྐང་ལམ་དེ་དེད་ནས་སྐྱ་རེངས་དེ་བསུ་བར་
འགྲོ་མཁན་ཡིན།
སེམས་པའི་གཏིང་གི་གསང་བ་ཆུང་ཆུང་དེ།
ཕལ་ཆེར་རང་གིས་ཤེས་རྟོགས་ཁ་པོ་རེད།
འཁོར་བའི་ལམ་གྱི་འགྲེས་སོང་དེའི་བཞིན་རས་དེ་མཐོང་དུས་
དྲོ་གསོབ་གསོབ།
ཉིན་མོའི་ངལ་དུབ་ཀུན་དང་མཚན་མོའི་སེམས་ནད་དེ་ཡང་ཕར་
ལ་ཡལ་སོང་།
ཕྱོགས་བཞིའི་ལ་རྩེའི་སྟེང་གི་ཁ་བ་དེ་མཐོང་དུས་
གྲང་བསིལ་བསིལ།
སེམས་པའི་གཏིང་གི་རྣམ་ཤེས་རྫུན་མ་དེ་ཡང་ག་ལེར་
ལ་མར་བཞུར།
བྱང་སྐར་སྤུན་བདུན་ང་གང་དུ་འགྲོ་མཁན་ཡིན་ཞེས་
མ་དྲིས་རོགས།
ང་རྐང་ལམ་དེ་དེད་ནས་སྐྱ་རེངས་དེ་བསུ་བར་
འགྲོ་མཁན་ཡིན།
སེམས་པའི་གཏིང་གི་གསང་བ་ཆུང་ཆུང་དེ།
ཕལ་ཆེར་རང་གིས་ཤེས་རྟོགས་ཁ་པོ་རེད།
སེམས་པའི་གཏིང་གི་གསང་བ་ཆུང་ཆུང་དེ།
ཕལ་ཆེར་རང་གིས་ཤེས་རྟོགས་ཁ་པོ་རེད།
北极星的秘密
词曲:丹真罗布
编曲:巴顿
录音:巴顿
混音:姜华
晴空万里的阳光照在脸上
扰乱心扉的人和事已消失
喜马拉雅的寒风吹过脸庞
慢慢卸下穿戴已久的面具
北极星 不要问我要去何方
我将沿着小路寻找黎明的曙光
心中埋藏已久的小秘密
也许你早已知道
遇见老人历经沧桑的面孔
消除我一天的疲惫与不堪
看到围绕四周的皑皑雪山
洗礼深藏已久的虚伪灵魂
北极星 不要问我要去何方
我将沿着小路寻找黎明的曙光
心中埋藏已久的小秘密
也许你早已知道
心中埋藏已久的小秘密
也许你早已知道
未经许可,不得翻唱或使用